网络通信“二十禁”

网络通信“二十禁”

《关于西藏自治区网络通信活动“二十禁”的通告》双语版


བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་སྤྱོད་ཚུལ་སྔར་བས་ཚད་ལྡན་དུ་གཏོང་ཆེད་དང་དྲ་རྒྱའི་འཕྲིན་གཏོང་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》《འཇིགས་སྐུལ་རིང་ལུགས་ལ་རྒོལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》《མཉམ་འབྲེལ་དྲ་རྒྱའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》 སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་ དེ་བཞིན་འབྲེལ་ཡོད་སྲིད་ཇུས་ཀྱི་ཡིག་ཆའི་གཏན་འབེབས་གཞིར་བཟུང་། ད་ལྟ་བོད་རང་སྐྱོང་ལྗོངས་དྲ་རྒྱའི་འཕྲིན་གཏོང་ཁྱབ་ཁོངས་ཀྱི་བྱེད་སྒོའི་བཀག་སྡོམ་རང་བཞིན་གྱི་བྱ་སྤྱོད་ཐད་གཅིག་སྡུད་ཐོག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

为进一步规范西藏自治区网络通信活动行为,维护网络通信领域安全,根据《中华人民共和国宪法》《中华人民共和国刑法》《中华人民共和国反恐怖主义法》《中华人民共和国刑事诉讼法》《中华人民共和国网络安全法》《全国人民代表大会常务委员会关于维护互联网安全的决定》等法律法规及相关政策文件规定,现将西藏自治区网络通信领域活动禁止性行为集中通告如下:


གཅིག དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་རྒྱལ་ཁབ་རྩ་སློག་དང་། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་བ་བཅས་ཀྱི་བྱེད་སྒོར་སྒྲིག་འཛུགས་དང་། ཐེ་ཞུགས། ངན་སྐུལ་བཅས་བྱ་རྒྱུར་ནན་འགོག་བྱེད་དགོས།

一、严禁利用网络通信工具组织、参与、煽动颠覆国家、破坏国家统一、推翻社会主义制度的活动。


གཉིས། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་མི་གཞན་ལ་བརྙས་བཅོས་དང་དམའ་འབེབས་གཏོང་བར་ནན་འགོག་བྱེད་དགོས།

二、严禁利用网络通信工具侮辱、诽谤他人。


གསུམ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་ལོག་ཐལ་གྱི་ཆོས་ལུགས་དང་། གཏུམ་སྤྱོད་འཇིགས་སྐུལ། ཁ་བསླུས་ཉེས་གསོག་སོགས་ཀྱི་ཁྲིམས་འགལ་བྱེད་སྒོར་སྒྲིག་འཛུགས་དང་། ཐེ་ཞུགས། ངན་སྐུལ་བཅས་བྱ་རྒྱུར་ནན་འགོག་བྱེད་དགོས།

三、严禁利用网络通信工具组织、参与、煽动宗教极端、暴力恐怖、诈骗犯罪等非法活动。


བཞི། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་རྒྱལ་ཁབ་ཀྱིས་ཡོངས་བསྒྲགས་བྱས་མེད་པའི་ཆ་འཕྲིན་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་དང་། ལས་ཁུངས། མི་སྒེར་བཅས་ལ་ཁྲིམས་འགལ་ངང་འདོན་སྤྲོད་བྱ་རྒྱུར་ནན་འགོག་བྱེད་དགོས།

四、严禁利用网络通信工具向境内外组织、机构、个人非法提供国家未公开的信息。


ལྔ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་རྒྱལ་ཁབ་རྩ་སློག་དང་། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་བ་བཅས་ཀྱི་ཆ་འཕྲིན་འཚོལ་སྡུད་དང་བཟོ་བ། ཕབ་ལེན། གསོག་འཇོག འགྲེམས་བསྒྲགས། ཁྱབ་སྤེལ། འུད་སྒྲོག་བཅས་ལ་ནན་འགོག་བྱེད་དགོས།

五、严禁利用网络通信工具搜集、制作、下载、存储、发布、传播、宣扬颠覆国家、破坏国家统一、推翻社会主义制度的信息。


དྲུག དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་ལོག་ཐལ་གྱི་ཆོས་ལུགས་བསམ་བློ་དང་། གཏུམ་སྤྱོད་འཇིགས་སྐུལ། བསླུ་བྲིད་དང་ཁ་བསླུས། དེ་བཞིན་ཉེན་ཆེའི་གནས་ཚུལ་དང་རིམས་ནད་ཀྱི་གནས་ཚུལ། གནོད་འཚེ་བྱུང་ཚུལ། ཉེན་རྟོག་གི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་རྫུན་མ་འཚོལ་སྡུད་དང་བཟོ་བ། ཕབ་ལེན། གསོག་འཇོག འགྲེམས་བསྒྲགས། ཁྱབ་སྤེལ། འུད་སྒྲོག་བཅས་ལ་ནན་འགོག་བྱེད་དགོས།

六、严禁利用网络通信工具搜集、制作、下载、存储、发布、传播、宣扬宗教极端思想、暴力恐怖、诱骗诈骗、虚假的险情、疫情、灾情、警情等信息。


བདུན། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་རྒྱལ་ཁབ་ཁ་བྲལ་ གཏུམ་སྤྱོད་འཇིགས་སྐུལ། ལོག་ཐལ་ཆོས་ལུགས་བཅས་ཀྱི་བྱེད་སྒོར་མ་དངུལ་དང་། ཁོར་ཡུག མི་སྣ། འགྲིམ་འགྲུལ། འཕྲིན་གཏོང་སོགས་ཀྱི་རོགས་རམ་དང་སྟབས་བདེ་མཁོ་འདོན་བྱ་རྒྱུར་ནན་འགོག་བྱེད་དགོས།

七、严禁利用网络通信工具为颠覆国家政权、分裂国家、暴力恐怖、宗教极端活动提供资金、场所、人员、交通、通信等帮助或便利。


བརྒྱད། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་དེ་མི་རིགས་དབར་ལ་དཀྲུག་ཤིང་རྒྱག་པ་དང་། མི་རིགས་དབར་འགལ་ཟླ་བཟོ་བ། མི་རིགས་དབར་འཁོན་འཛིན་གྱི་ངན་སྐུལ་བྱེད་པ་སོགས་ཀྱི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་ལ་ནན་འགོག་བྱེད་དགོས།

八、严禁利用网络通信工具编造、散布挑拨民族关系、制造民族矛盾、煽动民族仇恨等信息。


དགུ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་རྨོངས་དད་ཚོགས་པ་སོགས་ཆོས་ལོག་རྩ་འཛུགས་སྒྲིག་འཛུགས་དང་བེད་སྤྱད་ནས་ཁྲིམས་ལུགས་ལག་བསྟར་ལ་གཏོར་བཤིག་གཏོང་བར་ནན་འགོག་བྱེད་དགོས།

九、严禁利用网络通信工具组织、利用会道门等邪教组织破坏法律实施。


བཅུ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་གཏུམ་སྤྱོད་ངན་སྐུལ་གྱིས་ཁྲིམས་ལུགས་ལག་བསྟར་ལ་བཀག་འགོག་དང་མི་མང་མཉམ་རུབ་ཀྱིས་སྤྱི་ཚོགས་སྒྲིག་ལམ་དཀྲུག་པར་ནན་འགོག་བྱེད་དགོས།

十、严禁利用网络通信工具煽动暴力抗拒法律实施、聚众扰乱社会秩序。


བཅུ་གཅིག དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་ཁྲིམས་འགལ་གྱི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ལ་སྒྲིག་འཛུགས་དང་ཐེ་ཞུགས་ལ་ནན་འགོག་བྱེད་དགོས།

十一、严禁利用网络通信工具组织、参与非法集会、游行、示威。


བཅུ་གཉིས། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་ཁྲིམས་འགལ་ཉེས་གསོག་བྱེད་སྒོ་སྤེལ་ཆེད་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་དང་། ལས་ཁུངས་སམ་མི་སྒེར་གྱི་རྒྱུ་དངོས་ཀྱི་རོགས་པ་དང་ལེན་བྱ་རྒྱུར་ནན་འགོག་བྱེད་དགོས།

十二、严禁利用网络通信工具为实施违法犯罪活动而接受境内外组织、机构或个人资助。


བཅུ་གསུམ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་ཁྲིམས་འགལ་རྩ་འཛུགས་འཛུགས་པ་དང་ཐེ་ཞུགས་བྱས་ནས་ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་སྤེལ་རྒྱུར་ནན་འགོག་བྱེད་དགོས།

十三、严禁利用网络通信工具成立、参加非法组织,进行非法金融活动。


བཅུ་བཞི། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་ཉེན་ཆེའི་གནས་ཚུལ་དང་རིམས་ནད་ཀྱི་གནས་ཚུལ། གནོད་འཚེ་བྱུང་ཚུལ། ཉེན་རྟོག་གི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་རྫུན་མའམ་དངོས་ཡོད་མིན་པ་རྫུན་བཟོ་དང་ཁྱབ་སྤེལ་ལ་ནན་འགོག་བྱ་དགོས།

十四、严禁利用网络通信工具编造、散布虚假或不实险情、疫情、灾情、警情等信息。


བཅོ་ལྔ། ཆོག་མཆན་མེད་པར་རྒྱལ་སྤྱིའི་དྲ་སྦྲེལ་ལས་སྒོ་གཉེར་བ་དང་རང་མཚམས་ངང་ཁྲིམས་ནང་གཏན་འཁེལ་མ་བྱས་པའི་འཕྲིན་ལམ་བརྒྱུད་ནས་རྒྱལ་སྤྱིའི་དྲ་སྦྲེལ་བྱ་རྒྱུར་ནན་འགོག་བྱེད་དགོས།

十五、严禁未经许可经营国际联网业务,擅自建立、使用非法定信道进行国际联网。


བཅུ་དྲུག དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་སྤྱི་དམངས་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་སྒོ་ནས་ལེན་པ་དང་། ཕྱིར་འཚོང་། མཁོ་འདོན། བེད་སྤྱོད་བཅས་བྱེད་པར་ནན་འགོག་བྱེད་དགོས།

十六、严禁利用网络通信工具非法获取、出售、提供、利用公民个人信息。


བཅུ་བདུན། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་ཧེག་པའི(黑客)རྒོལ་བ་བྱས་ཏེ་གཏོར་བཤིག་དང་། རྐུ་འཕྲོག ཁ་སླུས། རྫུན་བཟོ་བཅས་བྱེད་པའམ་ཆ་འཕྲིན་རྫུན་མ་རྐང་བཙུགས་ནས་ཁྱབ་སྤེལ་གཏོང་བ་སོགས་ལ་ནན་འགོག་བྱེད་དགོས།

十七、严禁利用网络通信工具实施黑客攻击破坏、盗窃、诈骗、编造或故意传播虚假信息等行为。


བཅོ་བརྒྱད། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་སྤྱི་དམངས་ལ་མགོ་སྐོར་བཏང་ནས་མེ་མདའ་དང་མདེའུ་དང་འབྲེལ་བ་དང་། འབར་སླ་བ། འགད་སླ་བ། དུག་རྫས་བཟོ་སླ་བ། ཁྱབ་འགྱེད་དངོས་པོ་སོགས་ཉེན་ཅན་དངོས་པོ་དང་། ཆགས་སྲེད་འདོད་ལོག་དང་རྒྱན་འཛུགས། དུག་རྫས་བཅས་ཀྱི་ཉེས་གསོག་བྱེད་སྒོར་ཐེ་ཞུགས་བྱེད་དུ་འཇུག་རྒྱུར་ནན་འགོག་བྱེད་དགོས།

十八、严禁利用网络通信工具参与、诱骗公民进行涉枪支弹药,易燃、易爆、易制毒、放射性等危险品,淫秽色情,赌博,毒品犯罪活动。


བཅུ་དགུ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་དྲ་རྒྱའི་ཉེས་གསོག་བྱེད་སྒོར་མཉམ་འབྲེལ་དྲ་རྒྱ་མཐུད་པ་དང་། ཞབས་ཞུའི་འཕྲུལ་ཆས་ཚབ་ཉར། དྲ་ཐོག་ཉར་ཚགས། འཕྲིན་གཏོང་བརྒྱུད་གཏོང་སོགས་ལག་རྩལ་གྱི་རྒྱབ་སྐྱོར་རམ་བརྡ་ཁྱབ་ཁྱབ་གདལ་དང་གཏོང་སྤྲོད་རྩིས་རྒྱག་པ་སོགས་ཀྱི་རོགས་རམ་མཁོ་འདོན་བྱ་རྒྱུ་ནན་འགོག་བྱེད་དགོས།

十九、严禁利用网络通信工具向网络犯罪活动提供互联网接入、服务器托管、网络存储、通信传输等技术支持或广告推广、支付结算等帮助。


ཉི་ཤུ། དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་ཉེས་གསོག་བྱེད་སྒོ་སྤེལ་ཆེད་ཀྱི་དྲ་ཚིགས་དང་། འཕྲིན་སྐྱེལ་ཚོགས་པའམ་ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་སྤེལ་ས་འཛུགས་པའམ་ཡང་ན་དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་དེ་རིགས་ཀྱི་དྲ་ཚིགས་དང་འཕྲིན་གཏོང་ཚོགས་པར་འཛུལ་ནས་ཆ་འཕྲིན་ལྟ་བ་དང་། བསྡུ་ལེན། འགྲེམས་བསྒྲགས་བཅས་བྱེད་པ། ཡང་ན་དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་སྤྱད་ནས་དྲ་རྒྱའི་སྤྱི་པའི་སྒྲིག་ཆས་ལ་གཏོར་བཤིག་གཏོང་བར་ནན་འགོག་བྱེད་དགོས།

二十、严禁利用网络通信工具设立用于实施犯罪活动的网站、通讯群组或者发布违法犯罪信息,或利用网络通信工具加入此类网站、通讯群组浏览、接收、发布信息,或利用网络通信工具破坏网络通信公共设施。


གོང་གསལ་གཏན་འབེབས་ལས་འགལ་བའི་མི་སྣས་ངེས་པར་དུ་འཕྲལ་མར་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཚམས་འཇོག་བྱེད་དགོས་པ་དང་། རང་འགུལ་གྱིས་སྤྱི་བདེ་ལས་ཁུངས་ལ་རང་ཉེས་ངོས་ལེན་ཞུ་དགོས་པ་མ་ཟད་ལས་དོན་སྤེལ་རྒྱུར་གཞོགས་འདེགས་བྱས་ཏེ་ཐག་གཅོད་གུ་ཡངས་ཐོབ་རྒྱུར་བརྩོན་ལེན་བྱེད་དགོས། གོང་གསལ་གཏན་འབེབས་ལས་འགལ་ཏེ་ཡོ་བསྲང་མ་བྱས་ན《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་སྲོལ་ཡིག》《རྩིས་འཁོར་ཆ་འཕྲིན་དྲ་རྒྱའི་རྒྱལ་སྤྱིའི་མཉམ་འབྲེལ་དྲ་བའི་བདེ་འཇགས་སྲུང་སྐྱོབ་དོ་དམ་བྱ་ཐབས》《མཉམ་འབྲེལ་དྲ་བའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁྲིམས་ལྟར་མི་དེའི་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་ཡིན།

违反上述规定的人员,必须立即中止相关违法犯罪活动,主动向公安机关自首并协助开展工作,争取宽大处理。凡违反上述规定拒不改正的,依据《中华人民共和国刑法》《中华人民共和国治安管理处罚法》《中华人民共和国网络安全法》《中华人民共和国电信条例》《计算机信息网络国际互联网安全保护管理办法》《互联网信息服务管理办法》等法律法规相关规定,依法从严追究当事人法律责任。


བརྡ་ཁྱབ་འདིའི་ནང་གི་དྲ་རྒྱའི་འཕྲིན་གཏོང་ཡོ་ཆས་ཞེས་པའི་ནང་གློག་ཀླད་དང་། ལག་ཐོགས་ཁ་པར། དུས་ཐོག་འཕྲིན་གཏོང་། གཟུགས་མཐོང་ཁ་པར། གྱོན་འདོགས་དྲ་བའི་སྒྲིག་བཀོད་སོགས་ཚུད་པ་མ་ཟད་དེ་དག་ཁོ་ན་ཙམ་མ་ཡིན།

本通告所指网络通信工具包括但不限于电脑、手机、即时通讯、可视电话、穿戴式网络设备等。


信息来源:网信日喀则公众号

展开阅读全文

页面更新:2024-03-14

标签:西藏自治区   灾情   境内外   险情   美文   中华人民共和国   虚假   暴力   通告   宗教   民族   组织   工具   国家   网络

1 2 3 4 5

上滑加载更多 ↓
推荐阅读:
友情链接:
更多:

本站资料均由网友自行发布提供,仅用于学习交流。如有版权问题,请与我联系,QQ:4156828  

© CopyRight 2020-2024 All Rights Reserved. Powered By 71396.com 闽ICP备11008920号-4
闽公网安备35020302034903号

Top