


广大群众、游客朋友:
2026年8月26日10时30分许,因尼泊尔一侧发生泥石流灾害,造成我市吉隆县吉隆口岸重大人员伤亡、失联。鉴于当前形势,已不适宜举办重大节庆活动。经江孜县委、县政府研究决定,原计划于2026年8月27日至9月2日举办的2026年江孜达玛节活动取消。
活动筹备期间,社会各界和广大群众给予了极大的支持与期待,我们深表感谢。对活动取消带来的不便,我们深表歉意。希望广大群众、游客朋友理性看待此次活动取消,并给予充分理解与支持,也请大家不信谣、不造谣、不传谣,携手守护良好舆论氛围。
最后,衷心感谢社会各界长久以来对江孜的关心厚爱,希望大家能够一如既往关注江孜、支持江孜各项事业发展。
特此公告。
江孜县达玛节组委会
2026年8月27日
2026ལོའི་རྒྱལ་རྩེ་མདའ་མང་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་གྲོགས་པོ་རྣམ་པ།
2026ལོའི་ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་རང་རེའི་གྲོང་ཁྱེར་གྱི་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་ཞོར་སྐྱོན་གནས་ཚུལ་ཚབས་ཆེན་ཐོན་ཡོད། མིག་སྔའི་གནས་བབ་ལ་གཞིགས་ན། རྟེན་འབྲེལ་གྱི་བྱེད་སྒོ་གལ་ཆེན་སྤེལ་ན་མི་འཚམ་པས། རྒྱལ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད། ཟླ་8ཚེས་27ཉིན་ནས་ཟླ་9ཚེས་2ཉིན་བར་གྱི་2026ལོའི་རྒྱལ་རྩེ་མདའ་མང་དུས་ཆེན་མཚམས་འཇོག་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།
བྱེད་སྒོ་ཁག་གྲ་སྒྲིག་བྱེད་རིང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རེ་སྒུག་ཆེན་པོ་གནང་བར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། བྱེད་སྒོ་མཚམས་འཇོག་བྱས་པའི་དབང་གིས་སྟབས་མི་བདེ་བ་བཟོས་པར་ང་ཚོས་དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན། རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བ་གྲོགས་པོ་ཚོས་ད་ལོའི་བྱེད་སྒོ་མཚམས་འཇོག་བྱས་པར་ལྟ་སྟངས་ཡག་པོ་འཛིན་པ་དང་འབྲེལ་བསམ་ཤེས་དང་རྒྱབ་སྐྱོར་གང་མང་གནང་རོགས་ཞུ་རྒྱུ་མ་ཟད། ཚང་མས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་མི་སྤེལ་བ་བཅས་ཀྱི་ཐོག་ནས་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་སྲུང་སྐྱོང་བྱ་རྒྱུའི་རེ་བ་འདོན་རྒྱུ་ཡིན།
མཇུག་ཏུ་སྤྱི་ཚོགས་ལས་རིགས་ཁག་གིས་དུས་ཡུན་རིང་པོའི་ནང་རྒྱལ་རྩེར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཚང་མས་རྒྱལ་རྩེར་སྔར་བཞིན་དོ་ཁུར་དང་རྒྱལ་རྩེའི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
དེ་དོན་སྤྱི་བསྒྲགས་སྤེལ་རྒྱུ།
རྒྱལ་རྩེ་རྫོང་གི་མདའ་མང་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་ནས།
2026ལོའི་ཟླ་8ཚེས་27ཉིན།
来源:江孜县达玛节组委会
【主编:王高鹏丨编辑:白玛央拉】
珠峰之乡·吉祥日喀则
更新时间:2026-08-28
本站资料均由网友自行发布提供,仅用于学习交流。如有版权问题,请与我联系,QQ:4156828
© CopyRight All Rights Reserved.
Powered By 71396.com 闽ICP备11008920号
闽公网安备35020302034903号